ལྭ་ནག་གྱོན་པའི་འཕགས་མ་ཞེས་བྱ་བ་བཞུགས་སོ།།<ཁག༡—༡༠>

རྩོམ་པ་པོ།ཕྱགས་མ།


<ཁག་དང་པོ།>

དྲན་པ་ཕྱི་རོལ་གྱི་ཆུ་བོ་དྭངས་མོ་དེ་རེད།།

ཤག་ཤག་བཞུར་སྒྲ་དང་བཅས་ཏེ་བཞུར་མཚམས་མི་ཆད།།

གལ་ཏེ་ལས་དབང་འདི་གནམ་སའི་བར་ཐག་མིན་ན།།

ཡངས་པའི་ས་གཞི་ནས་གོམ་པ་མཉམ་དུ་སྤོ་ཆོག།

འཇིག་རྟེན་ཁྲ་ཁྲ་ཡི་གསེང་ནས་འཁོར་བ་བརྒྱ་སྟོང་།།

འུར་གཏམ་ཅག་ཅག་གི་ནང་ནས་དགོད་པ་བརྒྱ་སྟོང་།།

ཀུ་རེའི་ཨ་མཚར་གྱི་གླིང་ནས་ཐིམ་པ་མང་སོང་།།

ཁྱེད་ཉིད་མཇལ་བ་དེ་ལས་སྐལ་ཡིན་པ་མ་ཤེས།།

སྐྱེས་གཟུགས་འདབ་མ་ཡི་ལང་ཚོ་དར་བའི་ལྷ་མོ།།

ང་ཡིས་མིག་ལམ་ན་ཐོགས་པའི་མེ་ཏོག་རྐང་གཅིག།

མཛེས་པ་དབྱར་གཞུང་གི་སྤང་ཐང་སྔོན་པོ་དེ་རེད།།

སྣང་བ་དྭངས་གསལ་གྱི་གཡུ་ཡི་མཚོ་མོ་དེ་རེད།།

ཞིང་ཁམས་འདི་ནས་ཡང་ཁྱེད་ཉིད་མཐོང་བ་ཉུང་ཉུང་།།

ཨེ་མ་ཁྱེད་ཉིད་ནི་མཇའ་ལྟར་ཡལ་བ་མིན་ན།།

འཕྲད་པའི་སྟབས་ཁ་ཤིག་ང་ལ་སྟེར་རོགས་བྱོས་དང་།།

དགའ་དུང་འདྲིས་མ་ཡི་གླུ་ཞིག་ཁྱོད་ལ་ཕུལ་འདོད།།

ཕྱི་ཡི་ལུས་པོ་ནི་དུང་མདོག་ཟླ་བའི་མཛུམ་ཞལ།།

ནང་གི་སེམས་པ་ནི་འོ་མའི་རྒྱ་མཚོ་འཁྱིལ་འཁྱིལ།།

དམ་ཚིག་དངོས་མ་ཞིག་ཁྱོད་ལ་ཡོད་པ་ཡིན་ན།།

འཕགས་མ་ཁྱོད་ཉིད་ལས་གཞན་ཞིག་དགོས་པ་མི་འདུག།



<ཁག་གཉིས་པ།>

ཉི་འོད་སེར་པོ་ཁྱེད་ཀྱི་འདུག་རོགས་ཡིན།།

སྤང་ལྗོངས་སྔོན་མོ་ཁྱེད་ཀྱི་མཛེས་གཞི་ཡིན།།

སྦྲ་ནག་གྲུ་བཞི་ཁྱེད་ཀྱི་དྲོད་ཁོལ་ཡིན།།

ཁྱེད་ནི་སྤྲོ་ཞིང་ཁྱེད་ནི་སྐྱིད་པ་ལ།།

ནམ་མཁའ་སྔོན་མོ་ཁྱེད་ཀྱི་འོད་སྣང་ཡིན།།

སྤྲིན་པ་དཀར་པོ་ཁྱེད་ཀྱི་སེམས་པ་ཡིན།།

མེ་ཏོག་སེར་ཆེན་ཁྱེད་ཀྱི་སྐྲ་རྒྱན་ཡིན།།

ཁྱེད་ནི་མཛེས་ཤིང་ཡིད་དུ་འོང་བ་ལ།།

ཕ་སྐད་དྭངས་མ་ཁྱེད་ཀྱི་བླ་སྲོག་ཡིན།།

བོད་ལྭ་དག་མ་ཁྱེད་ཀྱི་རྒྱན་ཆ་ཡིན།།

མི་གཤིས་བཟང་པོ་ཁྱེད་ཀྱི་གོམས་སྲོལ་ཡིན།།

ཁྱེད་ནི་དྭངས་ཤིང་ཁྱེད་ནི་གཙང་བ་ལ།།

ཅ་ལེ་ཅོ་ལེའི་སྐད་ཆ་ཁྱེད་ལ་མེད།།

ཕྲག་དོགས་གཡོ་རྒྱུའི་ཧམ་སེམས་ཁྱེད་ལ་མེད།།

ཆང་ཁང་འུར་ཁང་ནང་ལ་འཁོར་མ་མྱོང་།།

ཁྱེད་ནི་བག་ཡོད་ཁྱེད་ནི་ཚུལ་ལྡན་ཡིན།།

རྫ་ཆབ་སྔོན་མོ་ཁྱེད་ཀྱི་འཐུངས་ཆུ་ཡིན།།

འབྲི་དམར་སེར་བོ་ཁྱེད་ཀྱི་ཁ་ཟས་ཡིན།།

གཡང་དཀར་ལུག་ཁྱུ་ཁྱེད་ཀྱི་འཚོ་བརྟེན་ཡིན།།

ཁྱེད་ནི་ཐང་གི་དབྱངས་ཅན་ལྷ་མོ་ཡིན།།



<ཁག་གསུམ་པ།>

མཐོང་བ་བརྒྱ་ཚོགས་སྟོང་ནས་ཁྱེད་ཉིད་མིག་ལ་ཐོགས་པ།།

ཚེ་འདིའི་ལས་དབང་ཡིན་ནམ་ཡང་ན་ལན་ཆགས་ཤིག་རེད།།

གམ་དུ་བསུ་བའི་ཐབས་ཤིག་ཁོ་བོར་དངོས་ནས་དབེན་འདུག།

རེ་ཕྱག་འཚལ་དོན་མི་འདུག་ཁྱེད་ཉིད་གླེང་དོན་མེད་དོ།།

སྲིད་པའི་འཇིག་རྟེན་གྲོང་ནས་ཁྱེད་ཉིད་མཇལ་བ་དཀའ་འདུག།

ཁྱེད་ནི་མཇའ་མཚོན་ལགས་པས་ཟིན་པའི་རེ་བ་མི་འདུག།

མཛེས་སྡུག་རྣམ་པར་བཀྲ་བའི་ཞིང་ཁམས་གཞན་ཞིག་ཡལ་ཐཱ།།

སེམས་དང་སེམས་པའི་བར་ནས་སྐྱོ་བའི་དངན་པ་འཐེན་ནོ།།

ཁྱེད་ནི་གཡུ་ཡི་མཚོ་མོ་སེམས་ལ་ནག་ཐིག་མི་འདུག།།

ཁྱེད་ནི་གུར་ཀུམ་མེ་ཏོག་ས་གཞིའི་མཛེས་རྒྱན་ཡིན་ནོ།།

ཁྱེད་ནི་དབྱངས་ཀྱི་སྐུད་པ་འཐེན་ན་སྐྱིད་ཅིག་ཡོད་རེད།།

ཁྱེད་ནི་འབྲི་མོའི་འོ་མ་ཁོ་བོའི་དགོང་ཇ་ནང་ཇ།།

མ་འདྲིས་སེམས་ཀྱི་མདུད་པ་རླུང་དང་ཆུ་ལ་མ་སྐུར།།

མི་ཁའི་རླུང་བུ་རྫིག་པོ་གཡུག་ན་གཡུག་གི་ཞོག་ཡ།།

གནམ་སའི་བར་ཐང་ཞིག་ནས་སྙིང་གཏམ་གླེང་སྟབས་ལོས་ཡོད།།

སེམས་དང་བསམ་པ་མཐུན་ན་དེ་ལས་ལྷག་ཅིག་མི་དགོས།།

ཁྱེད་ཀྱིས་ང་ལ་གནང་བ་ཚོར་བའི་ཡིག་ཉོག་འགའ་རེད།།

བཀླག་ན་བཀླག་རིན་མེད་པའི་ཐལ་དྲིའི་ཚིག་འགའ་ཡིན་ནོ།།

བསམ་ཚུལ་རབ་རིབ་ཞིག་གིས་ཁྱེད་ཀྱི་རྨི་ལམ་དཀྲོགས་ཐཱ།།

སྙན་ངག་ཟེར་ཡ་མི་འདུག་དོན་གྱི་ཟིན་བྲིས་ཡིན་ནོ།།




<ཁག་བཞི་བ།>

ད་ནི་ཁ་བ་བབས་སོང་།།

སེམས་པ་ཁ་བས་གཡོགས་སོང་།།

སྙིང་སྡུག་གཡུ་ཆུང་སྒྲོལ་དཀར།།

ཙག་རླུང་ཁྱོད་ནས་དྲན་འོང་།།

ཉིན་དེར་ཁྱེད་རང་དྲན་ཚུལ།།

ནམ་མཁའི་ཉི་མ་གསལ་ལོ།།

མཚན་དེར་ཁྱེད་རང་རྨིས་ཚུལ།།

ཡིད་འཕྲོག་ཟླ་བས་ཤེས་སོ།།

དུས་དེར་མི་མཐོང་དགུ་མཐོང་།།

ཁྱེད་ཀྱི་ཞལ་རས་མཐོང་ངོ་།།

དུས་འདིར་མི་དྲན་དགུ་དྲན།།

ཁྱེད་ཀྱི་སྒེག་ཉམས་དྲན་ནོ།།

ཟླ་འདིའི་ཉིན་ཞག་དེ་ཚོ།།

མིའི་སེམས་ངོ་མ་འགྱུར་མེད།།

ཁ་མཚར་གློད་པར་དགའ་བའི།།

སྨད་ཀྱི་སྲས་མོ་ལགས་ཨེ།།

ཡུལ་དེའི་ལུང་པའི་ཕུབ་ན།།

བྱ་ལས་ཅ་ཅོག་མང་ངམ།།

ཇག་པའི་ཐལ་ཅག་ཡོད་དམ།།

ཁྱེད་ཀྱིས་དཀའ་ཚེགས་རེག་གམ།།

ཁ་པར་ལག་ཏུ་བཟུང་ནས།།

སྐུ་ལུས་འཚམས་འདྲིའི་ཚིག་འགའ།།

མྱུར་དུ་སྐུར་བར་བྲེལ་དུས།།

ཐག་རིང་གྲོགས་པ་ཞིག་གིས།།

ཁ་པར་སིལ་སིལ་ཡོང་ནས།།

སྐད་ཆ་མང་ཙམ་མོལ་སོང་།།

ཆ་འཕྲིན་སྐུར་བའི་མདུན་པ།།

སྐད་ཅིག་ཙམ་གྱིས་འདས་སོང་།།



<ཁག་ལྔ་བ།>

མགོ་ཡི་སྐྲ་ལོ་མེ་ཏོག་ཕྲེང་བ་ཅན།།

སོ་ཡི་རང་མདངས་དུང་དཀར་གཡས་འཁྱིལ་ཅན།།

ཞལ་གྱི་ཟླ་བ་མཛེས་པར་མི་ངལ་བའི།།

དོན་གྱི་འཕགས་མ་ལྷ་མོ་དེ་རང་དྲན།།

གོས་ཀྱི་རང་མདོག་ནག་པོ་ནག་རྐྱང་ཅན།།

ཁ་ཚིག་ངག་དང་བསྙམས་པའི་ཁུ་བྱུག་ཅིག།

གློག་འོད་དཀར་ལམ་འཁྱུགས་པའི་གྲོང་དཀྱིལ་ནས།།

གཞས་དང་རྩེད་འཇོའི་སྟངས་སྟབས་ཨེ་མ་རྨད།།

དེ་དུས་ཁྱེད་ཀྱི་གར་ལ་སྤྲོ་མཁན་མང་།།

ཁོ་བོ་རྒྱུན་པར་དེ་རུ་ཕྱིན་པ་མང་།།

ཉིན་མ་འཁའ་ནས་འཕྲོས་དང་ནུབ་པ་སོགས།།

ཐ་ན་བྱ་ཕོ་གྲགས་པར་ཐོས་པ་ཉུང་།།

ཨེ་མ་གསོན་དང་སྙིང་གི་ཟླ་ཤེལ་མ།།

སྙེ་མ་ཕོན་གཅིག་གཤོག་མྱུར་སྒེག་ལྡན་མ།།

གཡུ་སྦྲང་འཁོར་བའི་མེ་ཏོག་རྐང་གཅིག་མ།།

ཚེས་བཟང་གནམ་གྱི་སྐར་མ་འོད་པོ་ཆེ།།

ནགས་ཀླུང་ཚང་ཚིང་འོག་གི་སྐད་སྙན་མ།།

དུས་ཀྱི་འཕོ་འགྱུར་འོག་ནས་སྤྲོ་འཛུམ་རྒྱས།།

ཚོང་ཁྲོམ་རྩེ་ཁྲོམ་འཁོར་བའི་བར་གསེང་ནས།།

དྭངས་པའི་སྐྱེས་གཟུགས་མཐོང་སྐར་མ་འགའ།།



<ཁག་དྲུག་པ།>

ས་འཛིན་དཀར་པོའི་འདབས་ནས་རྒྱས་གྱུར་པའི།།

ཟག་པ་མེད་པའི་གཞོན་ནུའི་མ་ལ་ཏི།།

དབྱར་གྱི་སྤང་མའི་རྒྱན་དུ་མཛེས་གྱུར་པའི།།

སྐྱེས་མའི་ནང་གི་སྐྱེས་མཆོག་ཁྱོད་ལ་འདུད།།

ཟླ་འོད་གསལ་ལ་གཙང་བོ་དལ་གྱིས་བཞུར།།

མེ་ཏོག་སད་ལ་མགོ་ལྕོག་ལྡེམ་ལྡེམ་ལྡེམ།།

ང་ནི་དགའ་སའི་གཡུ་སྒང་མེ་ཏོག་ནི།།

རི་ཆུ་སྟོང་གི་ཕར་ལ་བཞད་པ་སྐྱོ།།

ཤ་དང་རུས་ནས་དྲན་པའི་རྔུལ་ཆུ་བཞུར།།

དུང་བའི་ཚིག་དག་ཡ་ཆུང་སེམས་ནས་བཀྲམ།།

ད་ནི་ཁྱེད་ཀྱི་རྒྱབ་གཟུགས་ནག་པོ་སྟེ།།

དེ་དགོང་ང་ཡི་རྨི་ལམ་ནང་དུ་ཤོག།

ང་ཡི་གཟུགས་པོའི་གྲུབ་ཆ་གཙོ་བོ་ནི།།

ཁྱེད་ཀྱི་སྐུ་དང་ཐུགས་ཀྱི་བྱིན་རླབས་སོ།།

མེད་ན་མི་འགྲིག་གཤོག་ཡ་འཕུར་རོགས་ཡིན།།

མདུད་པ་ཆ་འདི་འཇུག་སྒྲིལ་མེད་པར་སྨོན།།

འདི་ནས་འཕུར་འདི་ཁྱེད་ཀྱི་སྐྲ་ལོ་རེད།།

འདི་ནས་བཞད་འདི་ཁྱེད་ཀྱི་ལང་འཚོ་རེད།།

འདི་ནས་འཛུམ་འདི་ཁྱེད་ཀྱི་སྒེག་ཉམས་རེད།།

རྒྱུན་པར་གླེང་བྱ་ཁྱེད་ཉིད་གཅིག་པུ་ཡིན།།



<ཁག་བདུན་པ།>

ལྷད་མེད་ཀྱི་བརྩེ་བ་ལྡན་པའི།།

དུང་སེམས་ཀྱི་རླབས་ཕྲེང་འཕྱུར་བའི།།

སོ་དཀར་གྱིས་གམ་ལ་བསུ་བའི།།

སེམས་དམར་པོའི་ཕྱེད་ཀ་དྲན་ཀི།།

འཛུམ་དམུལ་གྱི་མེ་ཏོག་འཐོར་བའི།།

འགྲོ་རྗེས་ལ་སྙན་ངག་གྲུབ་པའི།།

ནང་སེམས་ལ་དྲོད་ཁོལ་སྟེར་བའི།།

ཡུལ་གཞན་གྱི་ཁུ་བྱུག་དྲན་ཀི།།

ཚིག་སྙན་མོའི་བརྗོད་བྱ་སྤེལ་ས།།

གྱེས་བྲལ་གྱི་ན་ཟུག་འཇོག་མཁན།།

ཁ་ཐུམ་གྱི་གསེང་ནས་དགོད་པའི།།

མཁུར་འཛུམ་གྱི་ན་ཆུང་དྲན་ཀི།།

དཀར་གསལ་གྱི་ཟླ་བའི་འོག་ཏུ།།

སྐྱེད་ཚལ་ནི་འཇམ་ངེར་བཞད་སྐབས།།

འཆམས་འཆམས་སུ་ཕེབས་པར་བྱོས་དང་།།

ངས་འཇོག་པའི་སྙན་ངག་བཀླག་ཆོག།

ཕྱི་རོལ་ནས་ཁ་དོག་འཚོལ་མཁན།།

ནང་རོལ་ནས་སྐྱོ་གར་འཁྲབ་ས།།

དགའ་ཕྱོགས་ལ་གཅེས་སྤྲས་བྱེད་པོ།།

ཡོད་ཚད་ཀྱི་རྒྱབ་ལྗོངས་ངས་བྱེད།།

ཁྱོད་དགའ་ན་ང་ཡང་དགའ་ཆོག།

ཁྱོད་སྐྱོ་ན་ང་ཡང་སྐྱོ་ཆོག།

མི་ཚེ་ཡི་འོད་ལམ་ཅིག་པུ།།

ཁྱོད་ཉིད་ལས་སུ་ཞིག་མ་མཐོང་།།




<ཁག་བརྒྱད་པ།>

ཁུ་བྱུག་རྒྱུ་བའི་རི་བོ་ཀན་ས་ནས།།

རི་གླུའི་སྒྲ་དབྱངས་འཐོར་བའི་ལོ་རྒྱུས་ཡོད།།

སྨད་ཀྱི་ལུང་པའི་མི་ཚོགས་ཁྲོམ་དཀྱིལ་ནས།།

སྙན་ཞིང་འཇེབས་པའི་རྩོམ་འཐོར་བྲིས་སྲོལ་ཡོད།།

ལྭ་ནག་རྗེན་པར་གྱོན་པའི་ན་ཆུང་མ།།

དུས་ཚོད་ཉེར་བཞིའི་བར་གྱི་ཟིན་བྲིས་ཡིན།།

རྟག་ཏུ་འཁོར་བའི་ཉི་མའི་འོད་ཐིག་ཡིན།།

སྙན་ངག་གྱེར་སའི་གྲུབ་ཆ་གཙོ་བོ་ཡིན།།

བརྩེ་དུང་ལོ་འདབ་རྒྱས་པའི་སྐྲ་རིང་མ།།

ཙག་རླུང་འུར་འུར་ཁྲོད་ནས་གླེང་གི་ཡོད།།

ཇ་ལོ་དམར་པོའི་མངར་སྐྱུར་འཚོལ་རོགས་རེད།།

འདྲིས་ན་འདྲིས་ཡིན་ཡོད་པའི་ཚེ་གྲོགས་ཡིན།།

བཤད་པ་བརྒྱ་སྟོང་འདི་དག་འུར་གཏམ་མིན།།

དོན་དངོས་དགའ་བའི་སེམས་ནས་བྱུང་བ་ཡིན།།

ཁ་ཡག་ངོ་དགའ་ཡིན་ན་བསད་ནི་ཡིན།།

བདེན་པར་གྲུབ་པའི་སྐད་འདི་དོ་སྣང་གལ།།

ཨ་རོག་མཛེས་མའི་ཡངས་རྩེའི་བློ་དཀར་མ།།

ཆར་གྱི་དངོས་གྲུབ་ང་ལ་གནོངས་བར་བྱོས།།

ཕྱི་དཀར་ནང་དཀར་ཅན་གྱི་འཕགས་མ་ཁྱེད།།

སྨག་རུམ་དཀྲོགས་པའི་སྒྲོན་མེ་འོད་པོ་ཆེ།།



<ཁག་དགུ་བ།>

ཐོག་མའི་མིག་ལམ་ན་འཕྲོད་པའི།།

སེམས་ཀྱི་སྨན་རྩ་དེ་ཁྱེར་མཁན།།

སུ་ཞིག་ཡིན་ནའང་དེ་ཡིན།།

རྙེད་པའི་གོ་སྐབས་ཤིག་མ་རག།

བར་དུ་འཕྲད་པ་ནི་ཉུང་ཉུང་།།

ལས་ཞིག་མེད་པ་འདྲ་ཡིན་འདུག།

གྱེས་པའི་ལམ་ཁར་ལ་བུད་སོང་།།

ཕྱིར་མིག་བརྒྱ་སྟོང་གི་ཁྲོད་ན།།

གྲིབ་གཟུགས་སྐྱ་བོ་ཅིག་ལུས་ཡོད།།

བརྩེ་འདང་འོ་མ་ཡི་འཚོ་བཅུད།།

རོལ་བའི་སྟབས་ཁ་ཅིག་མི་འདུག།

ཁ་ཁར་འགྲོ་དགོས་འདི་མཚར་རོ།།

སེམས་གཏིང་ཐིག་ལེ་ཅིག་ཡོད་འདི།།

ཕལ་ཆེར་དྲན་གདུང་གི་རྨ་ཁ།།

བཟོད་ཐབས་མེད་པ་ཞིག་ཡིན་ན།།

ཁྱེད་རང་རྙེད་ཐབས་ཤིག་བྱེད་ངེས།།

རླུང་བུས་ཁ་ལྕེ་ཡང་སྐམ་སོང་།།

སྙན་ཚིག་འབྲི་རྒྱུར་ནི་དཀའ་མོད།།

དཀའ་རུང་ཁྱེད་ཉིད་ལ་ཅིག་བྲི།།

རྔུལ་ཆུའི་ཐིག་པ་འགའ་ལྷུང་ཆོག།



<ཁག་བཅུ་བ།>

དིང་གི་ཁྱོད་ནི་མཚོ་ཁའི་མེ་ཏོག་ཡིན།།

དབྱར་གྱི་སྤང་མའི་ཁ་དོག་འཚོལ་མཁན་ཡིན།།

སེམས་ཀྱི་རི་མོ་བཏབ་སའི་ཤོག་བུ་ཡིན།།

ཚོར་བའི་ཡིག་འབྲུའི་ཁ་བྱང་ངོ་མ་ཡིན།།

གཟུགས་པོ་དར་ལ་བབས་པའི་གསེར་མཚོ་མ།།

ཉ་གུང་ཟླ་བའི་འོད་ཐིག་ཁེར་གསལ་ཡིན།།

སྒེའུ་ཁུང་འགྲམ་གྱི་མེ་ཏོག་རྙིང་བ་དེའི།།

འཕུར་རོགས་ཡིད་ཀྱི་བྱེའུ་ཆུང་གཤོག་ནག་གོ།

ཆང་ཁང་གླུ་ཁང་གཞས་ཁྱིམ་བླ་གབ་ནང་།།

ཁྱེད་དང་འདྲ་བའི་ལྷ་མོ་དཀོན་དཀོན་ཡིན།།

གཞོན་ནུའི་ཕྲེང་ཅན་སེམས་ཀྱི་མགུལ་རྒྱན་ཨེ།།

ཞལ་གྱི་འཛུམ་རིས་ང་ཡིས་ཟིན་པར་སྨོན།།

རླུང་བུས་ཁུར་བའི་ལོ་མ་དམར་པོ་བཞིན།།

དྲན་གདུང་སྙིང་གི་འཕར་རྩ་ཁྱེར་མཁན་མ།།

མཚན་མོར་འོད་མདའ་འཕེན་པའི་བུ་མོ་འདི།།

དོ་ནུབ་རྨི་ལམ་དཀྲོག་པའི་དྲན་ཐོ་ཡིན།།

འཁོར་བའི་ཆོས་ལ་ཀ་བ་བཙུག་མཁན་ཏེ།།

ལས་ཀྱི་ཐག་པ་མདུད་པའི་དུང་དཀར་མ།།

མིག་ལ་འཇིག་རྟེན་སྐྲུན་པའི་བུ་མོ་འདི།།

སེམས་ཀྱི་བག་ཆགས་འཇོག་སའི་གཞི་མ་ཡིན།།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 194,670评论 5 460
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 81,928评论 2 371
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 141,926评论 0 320
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 52,238评论 1 263
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 61,112评论 4 356
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 46,138评论 1 272
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 36,545评论 3 381
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 35,232评论 0 253
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 39,496评论 1 290
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 34,596评论 2 310
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 36,369评论 1 326
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,226评论 3 313
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 37,600评论 3 299
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 28,906评论 0 17
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,185评论 1 250
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 41,516评论 2 341
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 40,721评论 2 335

推荐阅读更多精彩内容