ཕ་ཡུལ་དང་འབྲེལ་བའི་འཕྲིན་པ་དང་པོ།

བརྗོད་མི་ཚར་བའི་གཏན་རྒྱུད་རིང་མོ།

                          ང་དང་ཕ་ཡུལ།

                                               

ཕ་ཡུལ་ལགས།

      ངའི་ཚེ་སྲོག་གི་མྱུ་གུ་འཇིག་རྟེན་འདིར་འབུས་པ་ནས་བཟུང་། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལ་ཟུངས་ཁྲག་གི་བཞུར་རྒྱུན་ཆགས་ཤིང་བེམ་ཤེས་ཀྱི་འཕྲོད་སྦྱོར་ལ་རྣམ་དཔྱོད་ཀྱི་བློ་གྲོས་རྒྱས། དེ་ཡང་། མི་ཡུལ་འདིར་བདག་གི་ངུ་ངག་གི་དབྱངས་རྟ་ཐོག་མ་དེ་མཆེད་པ་ནས་བཟུང་། ང་དང་ཁྱོད་ཀྱི་བར་ལ་བརྗོད་ཐབས་བྲལ་བའི་བརྩེ་དུངས་རྣལ་མ་ཞིག་ཤ་དང་རུས་པའི་གསེང་དུ་ཏིལ་ལ་ཏིལ་མར་གྱི་རྣམ་པས་ཆགས་ཡོད།

    དེ་ལྟར་བདག་གིས་དུངས་བ་ཟབ་མོ་མིག་གིས་བལྟས་ན།  སྐད་ཅིག་ཀྱང་སྡོད་པ་མི་སྲིད་པའི་དུས་ཀྱི་འགྱུར་ཁུགས་ཁྲོད་ནས་ངའི་ཕ་ཡུལ་རྒས་ཀྱིན་འདུག  མ་ཟད་གནས་དེར་འཚོ་བའི་མྱི་ཚོགས་ཀྱང་ལེ་ལོ་དང་སྒྱིད་ལུག་གི་ཁྲོད་ནས།  གསེར་ལས་དཀོན་པའི་དུས་ཚོད་དོན་མེད་དུ་ཆུད་ཟོས་སུ་བཏང་སྟེ་སྡུག་བསྔལ་གྱི་མཁུན་སྒྲའི་ཁྲོད་གཏུ་མིག་གཉིད་ལས་སད་ཀྱི་མེད་ལ།  སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ངའི་ཕ་ཡུལ་གཅིག་པུ་དེ་སྐྱ་ཟད་སྔོ་སྡུག་གི་རི་འདབས་ཞིག་ན་སྤྲང་བོ་བཞིན་ཅི་ཡང་མེད་པར་སྡུག་སྡུག་གི་ངང་གནས་འདུག    དེར་བརྟེན།  ཕ་ཡུལ་དང་ངེད་གཉིས་ཀྱི་བར་དུ་འབྲི་མི་ཚར་བའི་དཀའ་སྡུག་གི་རི་མོ་ཡོད་ལ་བཤད་མི་ཚར་བའི་སྐད་ཆ་མང་པོ་འདུག

གཅིག ཕ་ཨ་ཁུ་ཨ་ནེ་རྣམས་ལ་ཞུ་རྒྱུ།

    དེ་རིང་གོ་སྐབས་འདི་བརྒྱུད་ནས་ངའི་ཕ་ཨ་ཁུ་ཨ་ནེ་གཙོ་བྱས་པའི་ཁྱིམ་བདག་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ཉེ་བའི་ལོ་ཁ་ཤས་སུ་ང་ཚོའི་འབྲོག་སྡེ་ཆུང་ཆུང་འདིར་སློབ་མའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་ཧ་ཅང་དགའ་འོས་པའི་དོན་དག་ཞིག་རེད། ཡིན་ཡང་ཁྱིམ་ཚང་ལ་ལའི་ཁྱིམ་ཚང་གི་སློབ་གསོ་ལ་གནད་དོན་ཅུང་ཟད་འདུག  ཁྱིམ་ཚང་གི་སློབ་གསོ་ནི་སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་གི་མཁའ་དབུགས་གཙོ་བོ་ཞིག་ཡིན་ལ། ཕ་མ་ནི་སློབ་མ་དག་གི་དགེ་རྒན་ཐོག་མ་ཡིན་ཙང་།  ཁྱིམ་ཚང་ཞིག་གི་ཁྱིམ་ཚང་སློབ་གསོ་དང་ཕ་མ་ཅི་འདྲ་ཞིག་ཡིན་ན་སློབ་མའང་དེ་འདྲ་ཞིག་གི་གནས་སྟངས་ལས་མ་འདས་པ་རྒྱུ་འབྲས་ཀྱི་ཆོས་ཉིད་དུ་ཆགས།  རྒྱུ་མཚན་དེས་ཁྱིམ་྄བདག་ཡོངས་ཀྱི་ཁྱིམ་ཚང་གི་སློབ་གསོའི་བྱང་ཚད་རྣམ་པ་ཀུན་ནས་འཐུས་སྒོ་ཇེ་ལེགས་སུ་གཏོང་རྒྱུ་ཤིན་ཏུ་གལ།

༼ཁྱིམ་ཚང་སློབ་གསོ་དང་བུ་ཕྲུག་ལ་ཡིད་ཆེས་བྱེད་པ༽

གཉིས།  ཕ་ཡུལ་ཡི་གེ་བའི་སྡེ་ལ་ཕུལ་བ།

ཡུལ་གྲུ་གཅིག་ནས་རིག་པའི་གེ་སར་འཛུམ་པའི་བདག་གི་ཤ་ཉེ་མིང་སྲིང་ཚོ་ལ་ཞུ་རྒྱུ། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་ཞེས་པ་ལྟར་ཉིད་ཀྱིས་ཀྱང་དེ་རིང་ཐ་སྙད་སྐམ་པོ་འགའ་བསྒྲིགས་ནས་ཁྱོད་ཚོ་ལ་བློ་དཀར་བོས་སྙིང་གཏམ་ཚ་མོ་ཞིག་བརྩམ་འདོད་བྱུང་། ཤེས་བྱའི་ཆུ་གཏེར་ལས་ཐིགས་པ་ཙམ་ལ་ཞེ་ཚིམས་ཤིང་ཚོར་བ་རླུང་ཁམས་ན་བག་མེད་དུ་རྒྱུ་བ་ཙམ་གྱིས་ཕ་ཡུལ་གྱི་ལས་དབང་འདེགས་ག་ལ་ནུས། ཐ་སྙད་རིག་གནས་ཙམ་སྤྱད་དེ་གཞུང་ལུགས་ཀྱི་དོན་འཁྲོལ་བ་ཡང་སྟོང་བསམ་ཡིན།སྦལ་བ་ན་ཁུང་ནས་བསྡད་དེ་བསམ་པ་གླིང་དཀར་སྟོད་ལ་མི་འཁྱེར་བར་སྨོན་ནོ།།

༼སྨྲ་བ་ཉུང་བའི་ཚུལ་མཐུན་གྱི་མི་ཞིག་བྱེད་པ་གལ༽

གསུམ།  གསར་བུ་ལ་ལར་བཤད་རྒྱུ།

    ཁྱེད་ཚོའི་ལོ་ཚོད་ལ་བལྟས་ན་གཏམ་གོ་བ་ཅན་གྱི་ཚིག་སྣེ་ཟིན་དུས་དང་མར་རྙིང་ཞད་ཅན་གྱི་ཁ་སྐྱུར་རྟོགས་ཚོད་རེད། སྤུན་ཟླ་ཚོ་ལོ་ཟླའི་གྲིབ་བསིལ་འོག་ནས་ང་ཚོའི་ལང་ཚོ་དང་ལས་འགན་ཚང་མ་བོར་ནས་ཚར་ལ་ཉེ། ཡིན་ཡང་ནམ་རྒྱུན་ཁྱེད་ཚོའི་ཤཱཀྱ་མུ་ནེར་འཕྲད་ན་ཞྭ་མི་ཕུད། གླང་ཆེན་སྨྱོན་པར་ཐུག་ན་ལམ་མི་གཟུར་རབས་དང་།  ངེད་ཕ་རྒྱལ་པོའི་འཁྲུངས་རབས་དང་མ་རྒྱལ་མོའི་སྐྱེས་རབས། མགོ་ཐོག་ནས་བྱ་འཕུར་མ་མྱོང་དང་རྐང་ཞབས་ནས་ཆུ་བཞུར་མ་མྱོང་ཞེས་ཁ་རླབས་ཚ་བོ་ཞིག་གསང་མཐོར་བསྒྲགས་པ་ལས་གཞན་གྱི་བྲན་གཡོག་ཏུ་འགྱུར་གྱིན་པ་ཤེས་ཀྱི་ཨེ་ཡོད།  དེང་སང་གི་དུས་འདིར་ཆ་རྐྱེན་ལེགས་ཀྱང་ཟས་རིན་མི་དགོས་པའི་གུང་ཟས་ཞིག་གཏན་ནས་མེད། དེའི་ཕྱིར་རང་ཉིད་ཀྱི་སྐེ་རགས་དང་ལྷམ་སྒྲོག་དམ་པོར་བྱོས་ཨང་། 

    ཁ་ཡ་ན་ཟླ་ཚོ་ཡི་གེ་ནི་སློབ་མ་རྐྱང་རྐྱང་ལ་དབང་བ་ཞིག་དང་སློབ་མ་ཁོ་ནས་སྦྱོང་དགོས་པ་ཞིག་མིན་ཏེ། ཡི་གེ་ནི་ང་ཚོ་ཚང་མ་ལ་དབང་བའི་ཐུན་མོང་གི་རིན་པོ་ཆེ་དེ་ཡིན་པས། ཚང་མའི་རང་ནུས་ཅི་ལྕོགས་ཀྱིས་སྦྱང་རྒྱུ་ཤིན་ཏུ་གལ།

༼ལུས་ལ་རྒྱན་ཆ་ལས་བློ་ལ་ཐོས་པའི་དགའ༽

བཞི།  ཕ་ཡུལ་གྱི་བུད་མེད་ཚོ།

    མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་གྱི་ཕོ་མཆོག་མོ་དམན་གྱི་ལྟ་བ་ནག་པོ་དེ། ང་ཚོ་ལ་དབང་བའི་དུས་རབས་འདིའི་ནང་དུ་གནས་ས་ཞིག་ཡེ་ནས་མེད།  དེ་རིང་གི་མྱི་ཚོགས་གསར་བ། མཁའ་དབུགས་དང་ཁོར་ཡུག་གསར་བ་། འདྲ་མཉམ་རྩིས་ཐང་གསར་བའི་སྒོ་འབྱེད་ཀྱི་དུས་རབས་གསར་བའི་ལམ་ཁ་འདི་ནས་ཁྱེད་ཚོ་སད་རན་རེད། དུས་རབས་འདིར་ཁྱེད་ཚོ་མཁོ་ལ་ཕ་ཡུལ་ལ་ལྷག་ཏུ་ཁྱེད་ཚོ་མཁོ།

    ས་ཁུལ་གཞན་དག་ན་བུད་མེད་ཚོས་སོ་སོའི་ཁེ་དབང་གི་བྱ་བ་དག་ལ་འཛིན་སྐྱོང་གང་ལེགས་བྱེད་ཀྱི་ཡོད་ལ་རང་ཉིད་ཀྱི་འཚོ་བ་རང་ཉིད་ཀྱིས་ཐག་གཅོད་དེ་འདྲ་མཉམ་དང་དྲང་བདེན་གླེང་གི་ཡོད། ཁྱེད་ཚོ་ལའང་འདི་ལྟ་བུའི་ནུས་པ་དབེན་པ་མིན་ཏེ།  མ་བཟང་གི་བུ་མོ་ཚོ་སད་རན་རེད་ཨང་།

༼རྨོངས་གཉིད་ཀྱི་འབོད་སྒྲ༽

    མཐར་བརྒྱ་བཤད་སྟོང་བཤད་ཚིག་གི་རྩ་བ་ནི་ལ་ཁའི་ཉི་མ་ལྟ་བའི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱི་མི་ཚེ་སྟོང་ཟད་དུ་མི་གཏོང་དང་། དུས་གཏན་དུ་དངོས་པོའི་ཐོག་ཏུ་དབུལ་བོར་གནས་མི་རུང་ལ་བསམ་པའི་ཐོག་ཏུ་དེ་བས་ཀྱང་དབུལ་བོར་གནས་མི་རུང་ངོ་།།


                                                      ཆོས-མྱིང་མེད།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 202,980评论 5 476
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,178评论 2 380
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 149,868评论 0 336
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,498评论 1 273
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,492评论 5 364
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,521评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,910评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,569评论 0 256
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,793评论 1 296
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,559评论 2 319
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,639评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,342评论 4 318
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,931评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,904评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,144评论 1 259
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 42,833评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,350评论 2 342

推荐阅读更多精彩内容