མདང་དགོང་ཁྱེད་རང་མཇལ་བའི་རྨི་ལམ་དེ།།
དེ་རིང་ཁྱེད་རང་དྲན་པའི་གདུང་བ་ཞིག་།
བཞིན་རས་གསལ་ལ་མི་གསལ་མིག་ཡུག་ཙམ་།
རྨིས་ཞེང་རྨིས་ཞིང་ནམ་ལངས་བར་ཐལ་སོང་།།
རྨི་ལམ་འཁྲུལ་སྣང་ཡིན་པ་སྒོམ་ན་ཡང་།།
སེམས་པ་སྔར་བཞིན་དྲན་པའི་ཕྱོགས་སུ་ལྷུང་།།
ཨ་ཁ་ཁ་་་་་་་་་་་་་་
བསམ་བཞིན་བསམ་བཞིན་ཨ་མ་སླར་ཡང་དྲན་།