ཡིད་འོང་མཛེས་སྡུག་གི་སྤང་ཐང་དེ་ནས།།
གཡུ་སྦྲང་གཤོག་ཐོགས་ཀྱི་རྩེད་གླུ་གྱེར་དུས།།
དགའ་དུང་གཏམ་རྒྱུད་ཀྱི་སྙིང་གཏམ་ངར་མོ།།
མགྲིན་པའི་གསེང་ལམ་ནས་ལྷོད་ཀྱིས་བཞུར་སོང་།།
ལྷད་མེད་བརྩེ་དུང་གི་གསང་གཏམ་མོད་པོ།།
དམར་ཆུང་སྙིང་ཁོག་ན་དམ་དུ་སྦས་ཡོད།།
འགྱུར་མེད་གནའ་ཚིག་གི་དམ་བཅས་མདུད་པ།།
མྱི་ཁས་བར་ཆད་ཀྱི་རླུང་བུས་མི་ཤིགས།།
གཟི་མིག་དགུ་སྒྲིལ་གྱི་ལག་གདུབ་དེ་ལ།།
རིན་ཐང་གཞལ་མེད་ཀྱི་གོང་ཚོད་མེད་རུང་།།
བརྩེ་བ་རྣམ་དག་གི་བདེན་དཔང་ཡིན་པས།།
སྙིང་གི་གཅེས་ལོ་མས་བོར་གི་མ་འཕྱུག།
གསོན་ན་ཚེ་གཅིག་གི་གཟའ་ཚང་ཉན་དགོས།།
ཤི་ན་དུར་གཅིག་གི་འཇོག་ས་གནས་དགོས།།
ཤི་གསོན་མཉམ་གནས་ཀྱི་བརྩེ་བ་འདི་ལ།།
ལས་དབང་རྒྱལ་མོ་ཡིས་གུ་ཡངས་གནང་རོགས།།