ཁུག་ཀྱོག་དེ་ནང་
རལ་ལ་ཉེ་བའི་རྒྱུན་འཁྱོངས་དེ་འཁུར།
ལམ་འཕྲང་དེའི་ནང་
རྐང་རྗེས་དེའི་ཐོག་རྐང་རྗེས་དེ་བརྩེགས།
ཁང་པ་དེའི་ནང་
རྨི་ལམ་དེ་དང་རྨི་ལམ་དེ་མཐུད།
གཉིད་གཉིད་དུ་
སྤོབས་སེམས་དེར་སེར་ཁ་གས།
ཤ་རོ་དེ་ ལེ་ལོའི་ཐང་ནང་
འཆར་སྣང་དང་དབུགས་ངན་ཁྲོད་ངལ།
ད་ནི་ མཇུག་སྒྲིལ་རོགས།
ང་ཡང་
ཁུག་ཀྱོག་གཞན་ཞིག་དུ་འགྲོ་བར་བྲེལ།
དེ་རུ་མདུན་སྐྱོད་ཀྱི་སེམས་ཤུགས་ཤིག་དང།
སེམས་ཤུགས་དེའི་རྒྱབ་བརྟེན་ཤིག་ཡོད།
དེ་འཚོལ་དུ་འགྲོ་དགོས།