གསོན་པ་ལས་ཤི་བ་དྲན།
ཁྲི་གཤོག་ནས
འདི་ལྟར་ན་ཟུག་དང་ཡིད་ཆད
ཕམ་ཁ་དང་རེ་ཐག་གི་བཅངས་ན
ངོ་མ།
གསོན་པ་ལས་འཆི་བ་དྲན
འདི་ལྟར
ན་ཟུག་གི་ལྕགས་ཀྱུའི་གློ་སྙིང་བཟུང་ཞིང
ཡིད་ཆད་ཀྱི་མདའ་མོ་ལུས་ལ་འཕོགས་ན
འཆི་བ་ནི་ངོ་མ་ཐབས་མཆོག་ཞིག
ངོ་མ་བཟོད་ཐབས་བྲལ
ཡིག་འབྲི་དེས
ང་ལ་ཕྲག་དོག་གི་མདའ་མོ་སྦྱིན་ཡོད
ཡིག་འབྲི་དེས
ང་ལ་ཡིད་ཆད་ཀྱི་སྨྲང་སུན་སྐྱེས་སོང
ངས་ད་གཟོད་འཚོར་བྱུང་
ང་ལ་ཅི་འདྲའི་རང་རློམ་དང་ང་རྒྱལ་ཆེ་དྲག་སོང་།