བྱེས་དུས་ཐལ་རྩེད་རྩེད་རོགས། གཞོན་དུས་ཕུགས་བསམ་གླེང་རོགས།
དར་དུས་སྤོབས་སེམས་སྤྲད་རོགས། རྒས་དུས་སྙིང་གཏམ་བཤད་རོགས། འཆི་དུས་དད་སེམས་སྦྱིན་རོགས།།
ངའི་གཅེན་མོ་སེམས་བཟང་ཅན་མོ་ཚོ་ ཁྱེད་རྣམ་ངའི་མིག་གི་ནོར་བུ་ཡིད་ཀྱི་དད་གུས་སེམས་ཀྱི་ཁ་ཕྱོགས་ཀྱང་ཡིན་།
གཅུང་མོས་དུས་ནམ་ཡང་ཁྱེད་རྣམ་སྐུ་མི་འགྱུར་ལུས་བདེ་སེམས་སྐྱིད་ཀྱི་ཁ་གཡང་ཡང་ནས་ཡང་དུ་འབོད་ཆོག།།
༢༠༡༧་༡༡་༡༠ཉིན་ རྨི་ལམ་ནས།།