ཁང་སྟོང་།
རྒྱང་རིང་གི་ཁང་སྟོང་དེར་སེམས་པ་ཤོར་དོན་ག་རེ་རེད
བདག་པོ་མེད་པའི་སྐྱོ་བ་སུ་ལ་གསལ
སྲུང་དམག་མེད་པའི་འཐབ་ར་དེ་སུ་ཞིག་གིས་སྲུང་ངམ
མེ་སྐྱོགས་ལ་འཐམ་པའི་སྐྱེས་བོ་དེ་སུ་ཡིས་དྲན
རྒྱང་རིང་རྒྱང་རིང་གི་འཛུམ་མདངས་ཅན་གྱི་སྐྱེས་ཕོ་དག
ལོ་ཟླ་ཡི་གས་སྲུབ་ནས་རླུང་གིས་ཟད་སོང
མིག་ཀོང་ན་མཆི་མ་འཁྲུག་པའི་བྱིས་པ་དེ་དང་ཡུགས་སར་ལྷག་པའི་བུ་མོ་དེ་དག
སུ་ཞིག་གི་བརྩམས་ཆོས་ཡག་ཤོས་དེ་ཡིན
རྒྱང་རིང་རྒྱང་རིང་གི་ལོ་ཟླ་དེ་དག
ང་ཡི་མིག་ལ་འཁོར་དུས་མིག་ཟུང་ས་ལ་ཟག་སོང
ས་མཐའི་ཀློང་ལ་འཐུམས་པའི་བདག་གི་ལས་དབང
སུ་ཞིག་གི་བཀའ་ཆད་བཞིན་རྒྱང་རིང་གི་ཁང་སྟོང་དེར
ཡང་ཡང་མིག་ཟུང་གིས་བཀླགས་དགོས་པ་ཅི
ངས་ད་དུང་བདག་པོ་དེ་དང་མེ་སྐྱོགས་ལ་འཐམས་པའི་སྐྱེས་ཕོ་དེ་དག
སྐྱོ་གདུང་གིས་དྲན་དགོས་པ་ཡང་ཅི
གངས་མདའ།