མ་བརྟག་བདེན་པར་འཛིན་ནའང་གླེན།

图片发自简书App

    སྐྱེ་འགྲོ་མིའི་བྱུང་ཚུལ།

                རྩོམ་པ་པོ---ཉག་ན་བུན




སྤྱིར་ལོ་རྒྱུས་འདི་ང་ཚོ་བོད་རང་ལ་མཚོན་ན་འོ་སྐོལ་ཁ་བ་ཅན་གྱི་ཡུལ་གྲུ་ན་ཆེས་ལེགས་པར་བཤད་པའི་བན་བོན་གཉིས་ཀྱི་ལུགས་ལས་གྲུབ་པའི་བཀའ་བརྟེན་དང་ལུང་དག་ལ་དད་པ་དང་ཡིད་ཆེས་ཡོད་པས་དེར་གཞི་རྩ་འཛིན་དགོས་སྙམ་སྟེ། འགྲོ་བ་མི་འདི་བྱུང་ཚུལ་ལ་བཤད་སྟངས་འདྲ་མི་སྣ་ཁ་མང་ཡང་འདི་ནས་འདོད་སྟངས་གསུམ་གྱི་སྒོ་ནས་བཤད་བསམ་བྱུང།    ༡  མུ་སྟེགས་ལྟ་ལོག་ལུགས་ཀྱི་ལ་ལས་འདོད་སྟངས་ནི་འཇིག་རྟེན་པའི་ལྷ་ཚངས་པས་དབང་བྱས་ནས་སྐྱེ་འགྲོའི་མི་བྱུང་བར་རིགས་པ་ནི་ནང་བའི་ལུགས་ལ་ཤིན་ཏུ་དགག་བྱ་ཡིན་ཏེ།  ལས་འབྲས་དགོས་མེད་དུ་འགྱུར་ཏེ་འཇིག་རྟེན་བྱེད་པོས་དབང་བྱེད་པ་དང་དེའང་རྟག་པ་དང་ཆད་ལྟའི་ཁུངས་སུ་འདུ་བས་ལས་འབྲས་རྣམ་བཞག་གམ་བདག་མེད་པ་སོགས་དང་ཤིན་ཏུ་འགལ་བས་མི་འཐད་དོ།༢  བནྡེ་ལུགས་ནས་བྱས་ན་བཀའ་ཆེམས་ཀ་ཁོལ་མ་དང་ཆོས་འབྱུང་བློ་གསར་རམ་རྒྱ་བོད་ཡིག་ཚང་ཆེན་པོ་སོགས་ཀྱི་དགོངས་པ་ཕལ་ཆེར་གཅིག་མཐུན་འདྲར་སྙམ།

དང་པོའམ་གདོད་མ་ནས་འགྲོ་བ་མི་མེད་པ་སྲོག་ཆགས་གཞན་སྤྲེའུ་དྲེད་སོགས་མིའི་སྔོན་དུ་ཡོད་པ་ཡང་བཀའ་ཆེམས་ཀ་ཁོལ་མ་ནང་ན་གསལ་བོར་བཤད་འདུག  ཇི་སྐད་དུ  བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཁམས་ན་ཆུ་ཀླུང་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་སྣ་ཚོགས་གནས་ཏེ། མིའི་འགྲོ་བ་གཅིག་ཀྱང་ཡེ་མེད་པས་འདུལ་བའི་སྐབས་མ་རྙེད་ཅེས་གསུངས་འདུག    ད་དུང་སྲིན་ཡུལ་ལུང་ཀ་པུ་རིར་ལྷ་དང་ལྷ་མི་གཉིས་ལྷ་མོ་གཟི་ལྡན་མ་ལ་མ་འཆམས་ནས་འཐབ་པ་སྤྲེའུ་གྱད་ཧ་ནུ་མ་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སློབ་མ་དེ་རི་པོ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པ།སྤྲེའུ་དེར་ཁྱེད་བྱང་ཕྱོགས་བོད་ཁ་བ་ཅན་གྱི་བྲག་རི་ན་སྒོམ་ནུས་སམ་དྲིས་པར་ལན་སྤྲེའུ་ན་རེ་ནུས་གསུངས་པ།  དེ་ནས་སྤྱན་རས་གཟིགས་ཀྱིས་སྤྲེའུ་ལ་དགེ་བསྙེན་སྡོམ་པ་ཕོག་བ།ལེགས་བཤད་རྒྱ་ཆེར་གནང་བ།  མཚན་ལ་སྤྲེའུ་བྱང་ཆུབ་སེམས་དཔའ་གསོལ།རྗེས་སུ་གོང་གི་ལུང་གནང་བ་བཞིན་དུ་བོད་དུ་ཕྱིན་ནས་བར་ཁམས་བྲག་ན་ཕེབས་ནས་མི་སྡུག་པ་སྒོམ་པར་གནས།  དེ་ལ་གནས་པའི་བྲག་སྲིན་མོའི་འདོད་པས་སྤྲེའུ་སྒོམ་ལ་འདོད་ཆགས་ཚུལ་སྟངས་སྟབས་གང་མང་བསྟན་ནས་ཁྱེད་ང་གཉིས་ཁྱིམ་ཐབ་བཟའ་ཚོ་བྱའོ་ཟེར་བ་ལ།  སྤྲེའམ་སྤྲེའུ་སྒོམ་ན་རེ།  ངས་དེ་ལྟར་བྱ་མི་རུང་སྤྱན་རས་གཟིགས་ཞབས་ནས་སྡོམ་པ་ལེན་རྒྱུ་རྣམས་སྲིན་མོར་གདམས་ཀྱང་སྲིན་མོས་དང་ལེན་མ་བྱེད་པའི་སྒོ་ནས་སྤྲེའུ་སྒོམ་ལ་ཞེ་སྡང་གི་སྐད་ཆ་སྨྲས་ནས་སྤྲེའུ་སྒོམ་བསམ་པ་ལ་དེ་དང་ཁྱིམ་ཐབ་མ་བྱེད་ན་ཞེ་སྡང་དབང་གིས་ཁོང་དམྱལ་བར་ལྟུང་། བྱས་ན་སྡོམ་པ་འཆོར།མ་བྱས་ན་བྱང་སྡོམ་ཉམས་པར་དོགས་ནས་ཕྱིས་སུ་སྤྱན་རས་གཟིགས་ལ་འདྲི་སོང་བར་འཕགས་པ་ན་རེ་ཆོག་གོ་ལུང་མཛད་པས་སྤྲེའུ་སྒོམ་ཡང་ཕྱིར་ཕྱིན་པ་ཁོང་གཉིས་བཟའ་ཟླ་བྱས་ནས་བུ་ཡབ་ཡུམ་གཉིས་དང་མ་འདྲ་བ་ཞིག་སྐྱེས།དེའི་ཚེ་མའི་ལྟོ་བ་ལྟོགས་པས་བུའི་ཟས་བྱས་སྙམ་ནས།  དེ་ཕྱིར་ཕས་བུ་ནགས་ཚལ་དུ་སྐྱལ་སྤྲེའུ་དང་མཉམ་དུ་བཞག  དུས་ལོ་ཟླ་འགའ་རེ་ཤུལ་དུ་ཕས་བུར་ལྟ་སྐོར་སོང་ཚེ་བུས་སྤྲེའུ་དང་བཤོས་ནས་བུ་ལྔ་བརྒྱར་གྱུར་པ་དང་བུ་རྣམས་ལ་རྔ་མ་མེད་པ་གདོང་དམར་བ་ཤིང་རྩེད་མི་ཤེས་པ་ཡབ་ཡུམ་ཟུང་དང་མི་འདྲ་བ་ཞིག་སྐྱེས།  སྤྲེའུ་སྒོམ་ལ་བུ་ཚ་མང་བས་ཟས་ཀྱིས་གདུང་བ།  སྤྲེའུ་སྒོམ་གྱིས་ཐབས་ཤེས་བཀོལ་ནས་ཤིང་ཏོག་ཟ་རྒྱུ་བྱས།འཕགས་པ་སྤྱན་རས་གཟིགས་ཀྱིས་འབྲུ་ལྔ་སྤྲེའུ་སྒོམ་ལ་བྱིན་པར་ས་བོན་བཏབ་ནས་ཁ་ཟས་མི་སྡུག་པའི་ཐབས་དེ་ནས་བྱུང་།  དེ་ནས་རིམ་པ་ལྟར་ཉོ་ཚོང་སོགས་གོང་ནས་གོང་དུ་འཕེལ་བར་གྱུར་པ་དེ་གོང་གི་བན་དེའི་ཡིག་ཆར་གཟིགས་ན་རིམ་པ་ལྟར་ཡག་པོ་འདུག  འདིར་རྒྱས་པ་མ་སྤྲོས་སོ།།འཇིག་རྟེན་ཁ་སྐད་ལ་ལར་སྤྲེའུ་སྒོམ་གྱི་རྔ་མ་གེ་སར་གྱིས་བཅད་ནས་ཤུལ་དུ་བུར་རྔ་མ་མེད་པ་དེ་ནས་མི་རུ་འཕོ་འགྱུར་བྱུང་བ་བཤད་སྲོལ་ཀྱང་གྲགས།

དེ་ནི་བདག་གི་ཡིད་དུ་དགོད་བྲོའི་རྣམ་པ་ཞིག་ཤར།

རྒྱུ་མཚན་དེ་ནི་རྟ་ཡི་རྔ་མ་བཅད་རྗེས་རྒོད་མའི་རྟེའུ་ལ་རྔ་མ་མི་སྐྱེས་ཞེས་པ་དང་ཅི་མི་མཚུངས། ཡང་ན་མཁས་དབང་ནམ་མཁའི་ནོར་བུའི་ཞང་བོན་ལོ་རྒྱུས་ཏི་སེའི་འོད་ལས་གོང་མའི་ཤཱཀྱའི་རྒྱལ་པོ་ཞལ་བཞུགས་དུས་དེར་བོད་ན་མི་མེད་རྗེས་སུ་སྤྲེའུ་སྒོམ་དང་སྲིན་མོ་འདུས་པ་ལས་བྱུང་བ་ཞེས་པ་རིག་པ་ཚད་མ་དང་འགལ་འདུག  བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ་ལས་འཇིག་རྟེན་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་སྐོར་ཚེ།  ཕྱག་ན་པདྨོས་གངས་ལྗོངས་འདུལ་བ་ཞལ་གྱིས་བཞེས་གང་དྲིན་ཆེ་ཡང་།  དཀར་ནག་རྒྱ་དང་ཞང་ཞུང་ཀུན་ཏུ་ཤེས་རིག་དེ་ཙམ་རྒྱས་པའི་དུས།  བོད་ཀྱི་སྤྲེའུ་རྒན་རྔ་མ་མ་ཆད་རྗེས་སུ་ལུས་པ་ཅི་ཡིན་ནམ་གསུངས་སོ།།  ༣ གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་ལུགས་ལ་འགྲོ་བ་མི་གདོད་མར་ཇི་ལྟར་འབྱུང་ཚུལ་ནི་ཀུན་མཁྱེན་ཤར་རྫའི་ལེགས་བཤད་མཛོད་དང་སངས་རྒྱས་གཤེན་རབ་མི་བོའི་བཀའ་ནས་མདོར་བསྡུས་ཙམ་དྲང་ན།དང་པོར་འོད་གསལ་གྱི་ལྷ་བསོད་ནམས་ཟད་པ་གཅིག  འདོད་པའི་ཉོན་མོངས་སྐྱེས་ཀྱང་།  བསམ་གཏན་གྱི་རྟེན་དང་མ་བྲལ་བར།  རང་འོད་འདོམ་གང་དང་བཅས་ནས་དོག་ལ་བབས། ཡང་དེ་དང་འདྲ་བའི་ལྷ་གཅིག་བབས་ནས་ཁོང་གཉིས་ཀྱིས་བུ་ཞིག་ཡོད་ན་སྙམ་དུ་ཕན་ཚུན་ཡིད་འཕྲེང་བ་ལས་བུ་གཅིག་རྫུས་ཏེ་སྐྱེས།    དེ་ནས་དེ་དག་ལས་མང་དུ་འཕེལ།  ས་བཅུད་ཀུན་གྱི་སྟེང་དུ་སྤྲིས་མའི་ཚུལ་དུ་ཆགས་པ།རོ་སྤྲང་རྩི་ལྟར་མངར་བ་རོལ་པས་འོད་ཇེ་ཆུང་ལུས་ཀྱང་ཇེ་ལྕི་སོང་བས་མཐར་མུན་ནག་ཏུ་གྱུར་པར་བདེ་གཤེགས་ཀྱི་ཐུགས་རྗེ་དང་སེམས་ཅན་ལས་ཀྱི་དབང་གིས་མུན་སེལ་གྱི་ཉི་མ་དུས་དེ་ནས་བྱུང་བ།  དེ་ནས་འཚོ་བ་དང་ཐོག་མའི་རྒྱལ་པོ་གཙུག་ཁྲི་བཙན་པོ་སྐོས་རྒྱུ་དག་རིམ་པ་བཞིན་ཡར་རྒྱས་སུ་བྱུང་བ་ནི་ལེགས་བཤད་མཛོད་ནང་ལེགས་པར་ཡོད་པས་ཚང་མའི་སྤྱན་གྱིས་གཟིགས་ན་འདིར་རྒྱས་པར་མི་བཀོད་དོ།།དེ་ཡང་མང་བཀུར་རྒྱལ་པོའམ་གཙུག་ཁྲི་བཙན་པོ་ཚེ་ལོ་འབུམ་དང་བརྒྱད་ཁྲིའི་མཚམས་སུ་བྱུང་བ་ནི་རྩ་འགྲེལ་ཉི་ཟེར་སྒྲོན་མ་ལས་ཡོད་པར་གསུངས་འདུག

ཡབ་སངས་པོ་དང་ཡུམ་ཆུ་ལྕམ་གཉིས་འཚོས་པ་ལས་སྲས་ཕོ་དགུ་མོ་དགུ་དང་བཅོ་བརྒྱད་འཁྲུངས།

སྲས་དགུའི་གཅེན་པོ་སྲིད་རྗེ་འབྲང་དཀར་དང་ལྷ་ཟ་ངང་གྲགས་མ་གཉིས་འཚོས་པ་ལས་རྒྱུན་མ་ཆད་པ་རིམ་པ་མང་པོའི་རྗེས་མང་བཀུར་རྒྱལ་པོ་བྱུང་།  རང་གི་འདོད་ཚུལ་ལྟར་ལེགས་བཤད་མཛོད་ནང་ཡོད་པས་དེར་འཛིན་ན་འགྲིག་གི་བསམ། ཅིའི་ཕྱིར་ཞེ་ན།  ལེགས་བཤད་མཛོད་ཀྱི་ནང་བཅུད་གྲོལ་ཚུལ་སྐབས་འགྲོ་བ་མི་ཐོག་མར་བྱུང་ཚུལ་ཐོས་ཆུང་བདག་གིས་བརྟག་དཔྱད་ཅུང་ཙམ་བྱས་ན་རིག་པ་ཚད་མའམ་ནང་བའི་ཆོས་ལུགས་ནས་གྲུབ་པའི་རིག་པ་ཚད་མ་གང་ལ་དང་བློ་དམན་བདག་གིས་དཔྱད་མདོག་ན་འགལ་བ་མེད་ཀི་སྙམ། སྤྱིར་ལོ་རྒྱུས་གང་དང་གང་ལ་ཞིབ་འཇུག་ལེགས་པར་བྱས་སྐབས་རང་ལྟར་དད་ཀྱང་ཆགས་སྡང་གི་ཕྱོགས་སུ་མ་ལྷུང་ན་གོམས་པ་འགྲོ་ཡང་སྲིད་ལ།  དེས་མཐར་ཐུག་དོན་དངོས་གནས་པ་སྒྲུབ་ནུས་སེམས  དེ་ཡང་རྗེའི་ཚད་མ་ལས།    རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་དེ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང་དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ།། ཞེས་གསུངས་སོ།།  འོན་ཀྱང་འགྲོ་བ་མི་འདིའི་བྱུང་ཁུངས་བདག་འདྲའི་བློ་དམན་ཐོས་རྒྱ་ཆུང་བའི་རྟོགས་བྱ་མ་ཡིན་པས་དཔྱོད་ལྡན་དང་ཤེས་རབ་མངའ་བ་རྣམས་ཀྱིས་བརྟག་པར་མཛོད།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 199,393评论 5 467
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 83,790评论 2 376
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 146,391评论 0 330
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 53,703评论 1 270
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 62,613评论 5 359
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,003评论 1 275
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,507评论 3 390
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,158评论 0 254
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,300评论 1 294
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,256评论 2 317
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,274评论 1 328
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,984评论 3 316
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,569评论 3 303
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,662评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,899评论 1 255
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 42,268评论 2 345
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 41,840评论 2 339

推荐阅读更多精彩内容