གཞན་ལ་ལྟད་མོ་ལྟ་བའི་མིག་ཡོད་ཀྱང་།།
རང་ངོ་རྗེན་པ་མཐོང་བའི་མིག་མེད་ན།།
རང་སྐྱོན་རི་བོ་འདྲ་དེ་མི་མཐོང་བསམ
།།
གཞན་སྐྱོན་རྩད་ནས་འཚོལ་བར་སྨད་པའི་རྒྱུ།།
གཞན་ལ་ལྟད་མོ་བལྟ་ན་ཤེས་པར་གྱུར།
མིག་དེ་ཤེས་པ་ཡིན་པ་དོན་གྱི་ཁས།
གཞན་གྱིས་རང་སྐྱོན་བརྗོད་པ་ཐབས་ཀྱི་རྒྱུ།
རང་སྐྱོན་རང་གིས་ཟིན་ཚེ་མི་རུར་གྱུར།