ཏཱ་ན་དབྱངས་སྐྱེས།
ང་རང་ཧ་ཅང་ཆུང་དུས།
མོས་ང་རང་ཁུར་ནས་ཁ་བའི་ཁྲོད་དུ་རྐང་རྗེས་མང་པོ་ཅིག་ཕབ།
ནར་ཅུང་སོན་རྗེས།
མོས་ངའི་རྒྱབ་གཟུགས་ལ་བལྟས་ནས་སེམས་འཚག་དང་རེ་བ་མང་པོ་ཞིག་མ་ཎི་བཞིན་ཡང་དང་ཡང་དུ་བཟློས།
གཉོམ་ལག་རྒྱས་དུས།
མོའི་ཡོད་ཚད་སྒྱེ་རུ་བཅུག་ནས་ངའི་འཁོར་བའི་ཕྱི་ནང་བཀང་དུ་བཅུག
ངས་འཐད་མི་འཐད་ཀྱི་རྣམ་འགྱུར་མང་པོའི་ཁྲོད་ནས་མོའི་གདོང་ལ་བབས་པའི་ཐེམ་སྐས་སུ་འཛེག་རྩིས་བྱས།
དོན་ངོ་མར།
ངའི་འགྲམ་དུ་དབུ་ན་འོད་ཟེར་ཆེམ་ཆེམ་འཕྲོ་བའི་སྒྲོལ་མ་དཀར་མོ་ཞིག་འདུག
སྙིང་རྗེ་ཆུ་མོ་བཞིན་ལྷོག་ལྷོག་བྱེད་ཀྱིན་པའི་སྤྱན་རས་གཟིགས་གསོན་པོ་ཞིག་འདུག
ཡང་དང་ཡང་དུ་བལྟས་ཚེ།
དེ་ནི་སྒྲོལ་མ་མིན་པར་ཨ་མ་རེད།
ངའི་ཨ་མ་རེད།
༢༠༡༨:༩:༢༢ལ།