༼ རྨད་བྱུང་གི་ཨ་ཁུ ༽
ཉག་་་་་་ན་བུན་གྱིས།
སྣང་སྲིད་སྒྱུར་འཕྲུལ་ཁམས་ནས།།
རྒྱལ་བའི་ན་བཟའ་མནབས་ནས།།
རབ་ཏུ་བྱུང་བ་ཁྱོས་ཀྱང་།།
རྫུན་བཟོས་གང་ཡན་ངོས་སུ།།
འཆར་བའི་སྣང་བ་ཅི་ཤར།།
ཤོག་ཁ་ཡར་འདེབས་མ་བྱེད།།
འདི་ཚོ་ཁྱོད་ལ་མི་འཛའ།།
དགའ་སྐྱོའི་འཇིག་རྟེན་ཞིང་ནས།།
ཚོར་བ་སྣ་མང་གསེབ་ནས།།
ཡིད་འོང་དར་མ་མཐོང་དུས།།
ཨ་ཁུའི་དམ་ཚིག་གཏེར་མ།།
ཆགས་ཞེན་ལས་སུ་མ་སྐུར།།
རེ་ཞིག་ཚོར་འདིར་མ་ལྟ།།
འདི་ཚོ་ཁྱོད་ལ་མི་འཛའ།།
ཆགས་སྡང་དབང་ཤོར་གླིང་ནས།།
བདག་བསྟོད་གཞན་སྨོད་དཀྱིལ་ནས།།
མ་རིག་མིག་འཛེར་ཙམ་གྱིས།།
བཙུན་མཆོག་འདུལ་ཁྲིམས་བཟང་པོ།།
ཞེ་སྡང་འབར་བར་མ་སྟེར།།
འཚེ་སེམས་ངན་པར་མ་སྤྲོད།།
འདི་ཚོ་ཁྱོད་ལ་མི་འཛའ།།